12 Nobel Laureates to Chinese President: Open Dialogue with Tibet
April 3, 2012. (Ottawa)—A group of 12 Nobel Peace Laureates—including Archbishop Desmond Tutu, Rigoberta Menchu Tum, and President Jose Ramos Horta—today sent a letter to Chinese President Hu Jintao urging him to “respect the dignity of the Tibetan people” and [...]
Self-immolations reflect rising Tibetan anger
By Simon Denyer, Monday, April 2,2012 DHARMSALA, India — He walked three times around the rural monastery he had attended as a small child, cycled into town and had a simple vegetarian meal with a friend. Then 22-year-old Lobsang Jamyang excused [...]
Tibetan woman, student set selves on fire
By ALEXA OLESEN, BEIJING (AP): A young mother and a student have become the latest people to set themselves on fire in protest against Chinese rule in Tibetan areas, a U.S. broadcaster said Monday. U.S. government-backed Radio Free Asia said the [...]
སྦེལ་ཀོབ་འགན་ཁུར་མི་སྣའི་ཞིབ་མོལ་ཚོགས་འདུ་ཐེངས་དང་པོ་ཚོགས་པ།
ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་ཞེས་པའི་བརྗོད་གཞིའི་ཐོག་གི་གནད་ཡོད་མི་སྣའི་དགོངས་ཚུལ་ཟིན་ཐོ། ཕྱི་ལོ་༢༠༡༢ ལོའི་ཕྱི་ཟླ་༢ པའི་ཚེས་༢༦ ཉིན་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་དམིགས་ཏེ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་ཁག་གཉིས་ཀྱི་འགན་འཁུར་མི་སྣའི་ཞིབ་མོལ་ཚོགས་འདུ་བསྡུས་ཡོད་པ་རེད། སྐབས་དེར་ཚོགས་འདུ་གོ་སྒྲིག་པ་ས་གནས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ་སེར་སྨད་བློ་དགའ་ལགས་ཀྱིས། ཚོགས་འདུའི་ངོ་སྤྲོད་གཏམ་བཤད་དུ། རྒྱ་ནག་དམར་ཕྱོགས་པས་བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་གཏོང་བའི་སྲིད་ཇུས་འོག་བོད་ལ་དྲག་གནོན་གྱི་ལས་གཞིར་སྔ་ཕྱིར་སྤེལ་བ་ལ་བརྟེན་ནས་བོད་ཀྱི་གནས་སྟངས་རྒྱལ་སྤྱི་ཅན་དུ་གྱུར་བ་དང་། ཕྱོགས་གཅིག་ནས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་འདི་ཆགས་པ་རེད། ཚོགས་འདུ་འདི་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་སྟངས་འདིའི་ཐོག་ཚང་མས་དགོངས་ཚུལ་བརྗེ་ལེན་གནང་རྒྱུའི་ཚོགས་འདུ་ཞིག་ཡིན། སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་དང་བདེ་སྐྱིད་སླར་གསོའི་གཞིས་ཆགས་གཉིས་ཀྱིས་འགན་འཁུར་བཞིན་པའི་མཐོ་རིམ་མི་སྣ་ལས་གྲུབ་པའི་ཚོགས་འདུ་འདིའི་དམིགས་ཡུལ་གཙོ་བོ་ནི། བོད་ནང་གི་གནས་སྟངས་དེ་ཆེས་ཛ་དྲག་དང་གདུག་རྩུབ་ཆེས་ཤོས་ཀྱི་ཚད་དུ་སླེབས་ཡོད་པའི་ཆ་ནས་བརྗོད་གཞི་ཡང་གནད་ལ་འཁེལ་ཡོད། བོད་ཕྱི་ནང་གཉིས་ཀའི་ནུས་ཤུགས་གཅིག་ཏུ་སྤུངས་ཏེ་རྩ་དོན་འཐབ་རྩོད་ཀྱི་གོམ་ཁ་དང་མདུན་སྐྱོད་གསར་པ་ཞིག་དགོས་པ་ཡིན་དུས། འགན་འཁུར་མི་སྣའི་དགོངས་ཚུལ་ཞིབ་བསྡུར་གྱི་ལས་རིམ་འདི་དུས་ལ་བབས་ཡོད་ལ། དུས་ལ་བབས་ཤིང་གནད་ལ་འཁེལ་བའི་གོ་སྐབས་འདི་མ་ཤོར་བ་བྱས་ནས་བོད་མི་རིགས་ཀྱི་མ་འོངས་པའི་རང་དབང་སྐྱར་གསོ་དང་ཀླད་པའི་འཛུགས་སྐྲུན་གསར་པ་སྒོ་དབྱེ་ཐུབ་པ་དང་དངོས་སུ་འགན་ཁྱེར་ཏེ་སྤྱི་ཚོགས་ཀྱི་མདུན་སྐྱོད་ཁ་ལོ་བསྒྱུར་བཞིན་པའི་མཐོ་རིམ་སྣེ་འཁྲིད་པ་རྣམས་ཀྱིས་ཀྱང་རྒྱ་ནག་གི་སྲིད་བྱུས་ཀྱི་ཁ་ཕྱོགས་དང་རྒྱབ་ལྗོངས། དམིགས་ཡུལ་བཅས་གསལ་པོར་ངོ་འཕྲོད་པའི་ཐོག་ནས་ལས་འགན་ཁྱེར་ཐུབ་པ་དགོས་རྒྱུ་ནི་གནད་ཀྱི་དོན་པོ་ཞིག་ཆགས་ཡོད་ཅེས། ཚོགས་འདུ་ངོ་སྤྲོད་ཀྱི་གཏམ་བཤད་གནང་བ་དང་། ཚོགས་འདུ་བ་མང་ཆེས་བའི་དགོངས་ཚུལ་ནང་། དེ་སྔ་སྤེལ་བཞིན་པའི་ངོ་རྒོལ་སྐད་འབོད་ཁྲོམ་སྐོར་དང་ཟས་བཅད་ངོ་རྒོལ། མར་མེ་ཁྲོམ་སྐོར་དང་སྨོན་ལམ་གསོག་སྒྲུབ་སོགས་ཀྱི་ལས་འགུལ་རྙིང་པ་ཤ་སྟག་སྤེལ་མི་སྡོད་པར་ལས་འགུལ་གྱི་ཁ་ཕྱོགས་གསར་པར་བསྒྱུར་དགོས་རྒྱུ་དང་བོད་ནང་དུ་རང་ལུས་མེར་བསྲེག་གནང་བཞིན་པ་སོགས་ཀྱི་ལས་འགུལ་རྣམས། ལས་འགུལ་སྤེལ་མཁན་དོ་བདག་སོ་སོའི་རང་དབང་ཡིན་པས་མི་གཞན་གྱིས་ལས་འགུལ་དེའི་རིགས་བཀག་འགོག་བྱེད་མི་འོས་པ་དང་། མིའི་རྣམ་དཔྱོད་དང་འཕྲུལ་རིགས་ཡར་རྒྱས་འགྲོ་བཞིན་པའི་སྐབས་འདིར་རྒྱ་དམར་ལ་ངོ་རྒོལ་དང་རྒྱལ་སྤྱིའི་སྟེང་ཁྱབ་བསྒྲགས་གཏོང་ཕྱོགས་སོགས་སྔར་ལས་ལྷག་པའི་ངོ་རྒོལ་ལས་འགུལ་ཚད་མཐོ་རུ་གཏོང་རྒྱུ། བོད་ཀྱི་རྩ་དོན་འཐབ་རྩོད་ཀྱི་ལས་འགུལ་ཤུགས་ཆེ་རུ་གཏོང་ཆེད་གཞོན་སྐྱེས་སློབ་མ་ཚོར་སྤྱི་ཚོགས་སློབ་གསོ་དང་ཆབ་སྲིད་སློབ་གསོ་གཏིང་ཟབ་ཏུ་དང་རྒྱ་ཆེ་རུ་གཏོང་དགོས་པའི་དགོངས་ཚུལ་བྱུང་ཡོད། ས་གནས་འགོ་འཛིན་ཕུན་ཚོགས་ཚེ་རིང་མཆོག་གིས། རྒྱ་དམར་ཀླ་ཀློས་བོད་ནང་བཙན་འཛུལ་བྱས་པ་ནས་བོད་ཀྱི་ཆོས་དང་རིགས་གཞུང་ཚང་མ་རྩ་མེད་བཏང་བ་དང་། འགྲོ་བ་མིའི་ཐོབ་ཐང་དང་སྨ་བརྗོད་རང་སོགས་མེད་པའི་དཀའ་ངལ་འོག་བསྡད་ཡོད་ཙང་། བོད་ཀྱི་རྩ་དོན་ཆེད་སྐུ་ལུས་མེར་བསྲེག་བཏང་བ་སོགས་ཛ་དྲག་ཆེན་པོ་ཆགས་ཡོད་པ་རེད། བོད་མི་ངོ་རྒོལ་བའི་ནང་རྒྱ་དམག་གིས་མེ་མདའ་བརྒྱབ་ནས་གསོད་ཀྱིན་ཡོད་རེད། ད་ལྟ་ཁ་པར་སོགས་ཀྱི་བརྒྱུད་ལམ་བཀག་ནས་བོད་ཀྱི་གནད་དོན་དེ་འཛམ་གླིང་ནང་ནག་ཁུང་བཟོས་ཡོད། ༡༩༥༩ ལོར་༸གོང་ས་སྐྱབས་མགོན་ཆེན་པོ་རྒྱ་གར་ལ་ཕེབས་པ་ནས་བོད་ཀྱི་ལས་འགུལ་ཚང་མ་འཚེ་མེད་ཞི་བའི་ཐོག་འགྲོ་རྒྱུ་བཅའ་ཁྲིམས་ནང་འཁོད་པ་རེད། ཁྲིམས་དེ་ལག་བསྟར་བྱེད་དགོས་ལ། དེ་ནས་བོད་ཀྱི་རྩ་དོན་ལམ་དབུ་མའི་ཐོག་འགྲོ་རྒྱུའི་དགོངས་པ་བཅངས་ཏེ་སྲིད་ཇུས་གཏན་འབེབ་བྱས་པ་ཡོད། དེ་དང་མ་འགལ་བའི་ཐོག་ནས་བོད་དོན་ལས་འགུལ་སྤེལ་དགོས་རྒྱུ་གལ་ཆེན་པོ་འདུག ཅེས་གསུངས། སེར་བྱེས་མཁན་རིན་པོ་ཆེ། ༸གོང་ས་སྐྱབས་༸གོན་ཆེན་པོར་གུས་ཕྱག་སྔོན་དུ་སོང་བའི་ཐོག་ནས། ད་ཐེངས་ཀྱི་འགན་འཁུར་མི་སྣའི་ཞིབ་མོལ་ཚོགས་འདུ་འདི་གལ་ཆེན་པོ་ཞིག་ཡིན་སྟབས་འདིར་བཅར་བ་ཡིན། [...]
bbc undercover in Tibet-Tibetans set themselves alight in protests
10th Feb, 2012 Authorities in China have launched a major security operation to try to end a wave of unrest caused by Tibetan campaigners. More than 21 people are reported to have publicly set themselves on fire – five in [...]
World community should extend political support to Tibetan freedom struggle and help Tibetans- Chime Youngdung
Since, HH Dalai Lama has decided to devolve his political powers to a democratically elected government in exile after election of Lobsang Sangey, as Prime Minister of exile government and his background of Tibetan Youth Congress has not only attracted [...]
